中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།

ཁྱབ་བསྒྲགས་དུས་ཚོད་:2026-08-12 14:35:22 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བསིལ་ཞིང་འཇམ་པའི་ས་མཐོའི་གནམ་གཤིས་དང་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ངང་འཕེལ་བ་དང་བསྟུན་ནས་ཁུལ་ཡོངས་སུ་དབྱར་གསེང་རིང་གི་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་ཡོད།“བཞུར་ཚད”དེ་“འདུག་ཚད”དུ་འགྱུར་བའི་ཞབས་ཞུའི་དམིགས་ཚད་ལ་དམིགས་ནས། རང་ཁུལ་གྱིས་འགྲིལ་ཤུགས་གཅིག་འདུས་དང་། འགན་སྲུང་ཤུགས་ཆེན། མཁོ་སྤྲོད་ལེགས་པོ་བཅས་བྱས་ཏེ། ལྷག་བསམ་ཡིད་ཚིམ་གྱི་ཞབས་ཞུར་བརྟེན་ནས་དབྱར་དུས་ཀྱི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་གསོན་ཤུགས་བསྩལ་བ་རེད།
      འགྲིལ་ཤུགས་གཅིག་འདུས་བྱས་ནས།དང་བླངས་ཞབས་ཞུའི་དྲ་རྒྱ་ཚགས་དམ་པོ་ཞིག་གཏོད་པ།དབྱར་གསེང་སྐབས་སུ་འགྲུལ་པ་མང་དུ་འགྲོ་བའི་གནས་ཚུལ་འོགརང་ཁུལ་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ནས།ས་ཁོངས་ཡོངས་སུ་ཁྱབ་པའི་རིག་གནས་དང་ཡུལ་སྐོར་དང་བླངས་ཞབས་ཞུའི་མ་ལག་བཙུགས་ཡོད།རྡོ་མཁར་རྫོང་དང་པོ་ཏ་མཚོ།ཤྭ་ཁ་རི་བོ་སོགས་གཙོ་གནད་ས་ཁོངས་སུ་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣ་དང་།ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ།ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བཅས་ཀྱིས་མཉམ་དུ་གྲུབ་པའི་དང་བླངས་ཞབས་ཞུ་རུ་ཁག་དེ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།རྡོ་མཁར་རྫོང་གི་མཚན་མོའི་འགྲུལ་པ་མང་བ་དང་དེ་བཞིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་བའི་དོན་དངོས་ལ་དམིགས་ནས་དང་བླངས་པ་ཚོས་“འགུལ་རྣམ་བཀོད་སྒྲིག་+གནས་གཏན་འཁེལ་གྱི་ལས་རེས”བྱེད་སྟངས་ལ་བརྟེན་ནས་བོད་རྒྱ་དབྱིན་གསུམ་གྱིས་ཡུལ་སྐོར་བར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། ལག་བྲིས་ས་བཀྲ་བརྒྱུད་ནས་ཡུལ་སྐོར་བར་བོར་དངོས་འཚོལ་རོགས་སོགས་ཞིབ་ཕྲའི་ཞབས་ཞུ་བྱས་ཏེ་ཡུལ་སྐོར་བར་དྲོ་སྐྱིད་སྦྱིན་ཡོད། ཁུལ་ཡོངས་ཀྱི་ལྟེ་བའི་མཛེས་ལྗོངས་ཁུལ་ཁག་གི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱིས་རྒྱུན་རྣམ་ཅན་གྱི་ལྟ་སྐོར་བློ་འདྲི་དང་། རྡོག་ཁྲེས་མངགས་བཅོལ། རིན་མེད་གསོ་རླུང་མཁོ་འདོན། ཆུ་ཁོལ་མཁོ་འདོན་སོགས་རྨང་གཞིའི་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་དབྱེའི་དུས་ཚོད་ཀྱང་རིང་དུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་རིན་ཐང་གང་ལེགས་མངོན་པར་བྱས་ཡོད།
      འགན་སྲུང་ཤུགས་ཆེན་དང་གནད་སྨིན་ཞབས་ཞུར་བརྟེན་ནས་ས་མཐོའི་ཡུལ་སྐོར་ལམ་ཐིག་སྲུང་སྐྱོང་བྱེད་པ།ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་དབྱར་གསེང་རིང་ཡུལ་སྐོར་བའི་གྲུབ་ཆ་སྣ་མང་གི་ཁྱད་ཆོས་ལ་དམིགས་ནས་རང་ཁུལ་གྱིས་དམིགས་བསལ་ཚོགས་སྤྱིར་རོགས་སྐྱོར་དང་བདེ་འཇགས་འཕྲལ་སྡོམ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ།ཤྭ་ཁ་རི་བོའི་འབྲེང་ལམ་བབས་ཚུགས་སུ་ལས་དོན་མི་སྣས་རྒན་རྒོན་དང་དེ་བཞིན་འགྲོ་སྐྱོད་སྟབས་བདེ་མེད་པའི་ཡུལ་སྐོར་བར་“གཅིག་ལ་གཅིག་གཏད”ཀྱི་རོགས་སྐྱོར་ཞབས་འདེགས་ཞུས་པ་རེད།པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་རིག་ནུས་ཅན་གྱི་བཀོད་གཏོང་ལས་སྟེགས་ལ་བརྟེན་ནས་ཡུག་ཁུལ་ཁག་གི་འགྲུལ་པ་འགྲོ་འོང་བྱེད་ཚད་དང་རླངས་འཁོར་ཤར་གཏོང་གི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པས་ས་ཁོངས་ཧྲིལ་པོའི་གནད་སྨིན་འགུལ་རྣམ་དོ་དམ་ཚོད་འཛིན་ཐུབ་ཡོད། ཡུལ་སྐོར་བ་ཚོ་སྐྱིད་པོ་དང་བློ་བདེ་པོ་ཡོང་ཆེད། མཛེས་ལྗོངས་ཁུལ་ཁག་གིས་ད་དུང་རིག་གནས་ཡུལ་སྐོར་གྱི་ཁྲིམས་འཛིན་རུ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱི་སྟོབས་ཤུགས་མཉམ་འདོན་བྱས་ཏེ་འགྲིམ་འགྲུལ་ཁྲིད་སྟོན་ནས་སྒྲིག་ལམ་སྲུང་སྐྱོང་བར་དང་། འཕྲལ་སྡོམ་ཐག་གཅོད་ནས་ཁོར་ཡུག་གཙང་སྦྲ་བར། ཡུལ་སྐོར་ཞབས་ཞུའི་ལྷུ་ཚིགས་ཁག་ནུས་ཆེའི་ངང་འཁོར་སྐྱོད་དང་འབྲེལ་མཐུད་ཐུབ་པའི་འགན་ལེན་བྱས་པ་རེད།
      མཁོ་སྤྲོད་ལེགས་པ་དང་སྣ་མང་ལས་རྣམ་ལས་དབྱར་དུས་ཀྱི་འཛད་སྤྱོད་གསོན་ཤུགས་གསར་པ་འཕེལ་བ།དབྱར་ཁའི་གུང་གསེང་རིང་གི་སློབ་ཐོན་ཡུལ་སྐོར་དང་། ཕྲུག་ཁྲིད་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་བཅས་ཀྱི་ཁྲོམ་རའི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱ་ཆེད། རང་ཁུལ་གྱིས་ཐོན་རྫས་ཀྱི་མཐའ་སྣེར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད།པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་རྐང་ཐང་མར་སྐྱོད་པ་དང་། རྐང་འཁོར་བཞོན་པ། ཆུ་ཐོག་ཏུ་སྐྱོད་པ། བར་སྣང་དམའ་པོ་ཉམས་ལེན་སོགས་རིགས་ཆེན་པོ་དྲུག་གི་དུས་རྣམ་ཧྲིལ་པོའི་ཐོན་རྫས་བཀོད་སྒྲིག་བྱས་པ་དང་འབྲེལ་གཞོན་ནུ་ལོ་ཆུང་ལ་དམིགས་ནས་“སྣོད་བཅུད་ནགས་སྲུང་བའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”ཁྱབ་གདལ་བཏང་བ་རེད། ཤྭ་ཁ་རི་བོ་མཛེས་ལྗོངས་ཁུལ་གྱིས་“འབྲེང་ལམ་+ཡང་བའི་རྐང་ཐང”ལམ་ཐིག་རྩེ་གྲ་དང་དེ་བཞིན་འབྲོག་རའི་ཉམས་ལེན་རྣམ་གྲངས་བཏོན་ནས་མཛེས་ལྗོངས་ཁུལ་རྐྱང་པའི་ལྟ་སྐོར་ནས་བག་ཕེབས་རྣམ་པའི་ཉམས་ལེན་ཡུལ་སྐོར་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།

ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།

རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།

དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com