中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-08-12 14:35:34 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་འདེད་གནས་ཚུལ་ལ་ལྟ་ཞིབ་གནང་བཞིན་པ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན་ནས་ཚེས7ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་དུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད།ཁུལ་ཨུའི་འཇོལ་རྫོང་མཁར་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་19པར་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།  མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། གལ་ཆེ་ཆུང་དང་དལ་བྲེལ་ལ་གཞིགས་པ། དུས་བགོས་ཁག་བགོས་ཀྱི་རྩ་དོན་གཞིར་བཟུང་ཁྲིམས་མཐུན་སྒྲིག་མཐུན་ངང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་མཚམས་རང་བཞིན་གྱི་དམིགས་ཚད་འགྲུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་འདེད་གནས་ཚུལ་ལ་ལྟ་ཞིབ་གནང་བཞིན་པ།

      ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་འཇོལ་རྫོང་ཕྱོགས་བསྡུས་སྨན་ཁང་གི་རྣམ་གྲངས་ས་ཚིགས་དང་། སྲིད་འཛིན་ལྟེ་གནས་ཀྱི་རྣམ་གྲངས་ས་ཚིགས། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ས་ཚིགས། མི་རིགས་སློབ་ཆུང་གི་རྣམ་གྲངས་ས་ཚིགས། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་ལས་སྒོའི་ཁང་སྤྱོད་རྣམ་གྲངས་ས་ཚིགས། དུད་ཚང་718ཀྱི་བཀོད་སྒྲིག་ཁང་པའི་རྣམ་གྲངས་དང་དེ་བཞིན་འཇོལ་རྫོང་ནས་འབའ་ལུང་བར་གྱི་གཞུང་ལམ་གྱི་ཡེ་ཀྲི་དུམ་བུའི་ལམ་སྒྱུར་ལས་གྲྭའི་ལིན་ཀེན་རྫ་ཆུའི་ཟམ་ཆེན་རྣམ་གྲངས་ས་ཚིགས་བཅས་སུ་བསྐྱོད་དེ་རྣམ་གྲངས་ཁག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་བ་རེད།ལུའོ་ཁྲའོ་ཧྥེང་གིས་རྣམ་གྲངས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ལས་གྲྭའི་འཕེལ་རིམ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལས་གྲྭ་ཁག་དུས་བཀག་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
      ཚོགས་འདུའི་ཐོག་ཉེ་དུས་ཞིང་ཆེན་སྲིད་གཞུང་གི་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འཇོལ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་གསན་པ་རེད།

      ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། ལོ་མཇུག་ཏུ་གཞི་རྩའི་ཐོག་གནས་སྤོའི་ཆ་རྐྱེན་ལྡན་པའི་དམིགས་ཚད་ལ་གཡོ་འགུལ་མི་གཏོང་བ་དང་། ད་ཡོད་ཀྱི་རྣམ་གྲངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱབ་ནས།རེབ་ཐོག་མའི་དུད་ཚང་414ཡི་བཀོད་སྒྲིག་ཁང་པ་དང་། སློབ་གྲྭ སྨན་ཁང་སོགས་དམངས་འཚོ་འགན་ལེན་གྱི་དགོས་མཁོར་དམིགས་ཏེ། ངེས་མཁོ་ཆེ་བ་དང་དགོས་མཁོ་ཆེ་བ།ངེས་པར་དུ་གནས་སྤོ་དགོས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སྔོན་ལ་སྐུལ་འདེད་གཏོང་ནས་ཉེན་ཆེའི་ཚོགས་སྤྱི་དུས་བཀག་ལྟར་གནས་སྤོ་ཐུབ་པའི་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཉེན་ཆེན་འགོག་སེལ་བྱེད་ནས། ཉེན་གཡོལ་གནས་སྤོའི་ལས་དོན་བདེ་འཇགས་དང་། གོ་རིམ་ལྡན་པ། བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།གོང་རིམ་ལ་སྙན་སེང་ཞུ་བ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པ། ཐབས་ཤེས་སྣ་ཚོགས་སྤྱད་དེ་མ་དངུལ་གྲབས་གསོག་བྱེད་པ། མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་མཐུན་ལུགས་མཐུན་ངང་མ་དངུལ་སྤྱོད་པ་བཅས་བྱེད་པ་དང་ཆབས་ཅིག་རྣམ་གྲངས་ཀྱི་ཚོང་འགུགས་ལ་ཤུགས་སྣོན་རྒྱག་པ་དང་། ས་ཆའི་ཐོན་ཁུངས་ཕན་སྒྱུར་བྱེད་པ། མ་དངུལ་ཡོང་ཁུངས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས།གཙོ་རྒྱུ་འགན་ལེན་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་དང་། འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྫོང་གྲོང་གསར་པའི་ཕྱི་ཕྱོགས་འབྲེལ་མཐུད་ཀྱི་བར་ཐག་ཐུང་དུ་གཏོང་བ་བཅས་བྱེད་དགོས།གནས་སྤོའི་དུས་འགོའི་གྲ་སྒྲིག་ལས་དོན་ཏན་ཏིག་སྒྲུབ་པ་དང་། རྫོང་གྲོང་རྙིང་པའི་གནས་སྤོའི་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ། ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་གཏིང་ཟབ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་དགོས།མང་ཚོགས་ཀྱིས་འགན་གཙང་བླངས་པའི་ས་ཞིང་དང་། ནགས་ས། ཁང་ས་བཅས་“ས་ཆ་གསུམ”ཕན་སྒྱུར་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱ་དགོས།རྫོང་གྲོང་གསར་པའི་“ཟས་གོས་འགྲོ་སྡོད་སྤྱོད་ཉོ”སོགས་གཞི་རྩའི་དམངས་འཚོའི་དགོས་མཁོའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་བཀོད་སྒྲིག་དང་ཇུས་འགོད་གང་མགྱོགས་བྱེད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།སྲིད་གཙང་ཉེན་ཁར་དོགས་ཟོན་བྱ་རྒྱུ་དེ་གནས་སྤོའི་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་དང་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་ལས་གྲྭའི་སྤུས་ཚད་ཉམས་སད་ཐེག་ཐུབ་པ་དང་ལས་བྱེད་པའི་དཔུང་ཁག་ཉམས་སད་ཐེག་ཐུབ་པ་བྱེད་དགོས།

      ཞུས་ཀོང་ཏེ་དང་། དབྱང་ཞུའེ་ཝུན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འཇོལ་རྫོང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བརྟག་ཞིབ་དང་ཚོགས་འདུར་ཞུགས་པ།
  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།

ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།

རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།

དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com