ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།

ལུའོ་ཁྲའོ་ཧྥེང་གིས་ཡན་མོན་ཤང་ཆུ་རྡོ་ལུང་གྲོང་སྡེ་རུ་ཡུལ་དངོས་སུ་ཆུ་རྡོ་ལུང་ཆུ་ལམ་རྒྱུད་ཀྱི་ཆུ་ལོག་བདེ་འཇགས་དང་དེ་བཞིན་ལས་གྲྭ་ཉམས་གསོའི་གནས་ཚུལ་ལ་ལྟ་ཞིབ་གནང་བཞིན་པ།
ཡན་མོན་ཤང་ཆུ་རྡོ་ལུང་གྲོང་སྡེ་རུ། ལུའོ་ཁྲའོ་ཧྥེང་གིས་ཆུ་རྡོ་ལུང་ཆུ་ལམ་རྒྱུད་ཀྱི་ཆུ་ལོག་བདེ་འཇགས་དང་དེ་བཞིན་ལས་གྲྭ་ཉམས་གསོའི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། ཉེ་དུས་ཀྱི་ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་འབྲུབ་འགོག་འབྲུབ་སྐྱེལ་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལས་གྲྭའི་བྱ་ཐབས་དང་ལས་གྲྭ་མིན་པའི་བྱ་ཐབས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་རྡོ་ལུང་ཆུ་རགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཟམ་པ་དང་། ལམ་གཞི། ཆུ་མཁོ་འདོན་མདོང་ལམ།དེ་བཞིན་གཏོར་སྐྱོན་ཕོག་པའི་འགྲོ་ལམ་བཅས་ཉམས་གསོའི་ལས་གྲྭར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལས་གྲྭའི་སྤུས་ཚད་ཀྱི་ཚད་གཞི་ནན་པོ་སྲུང་བ། ཨར་སྐྲུན་གྱི་འཕེལ་རིམ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་ཆུ་ལམ་གྱི་ཆུ་ལོག་རྒྱུག་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་ཆུ་གཞུང་གི་གཞུང་རྒྱུན་དང་། གཙོ་གནད་ས་ཁོངས། དེ་བཞིན་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་ཁུལ་བཅས་ལ་སྐོར་ཞིབ་གྲལ་བཤེར་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཉེན་ཁའི་གནས་ཚུལ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ནས་ས་གཤིས་གནོད་འཚེའི་འགོག་སྲུང་སྲུང་ཡོལ་ཏན་ཏིག་ངང་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཡུན་ལིང་ཤང་སྒང་སྙག་གྲོང་སྡེའི་ལྕགས་ཕུད་གྲོང་མི་ཚོ་ཆུང་དུ། ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཐོན་སར་ལྟ་ཞིབ་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་། ཉེན་གཡོལ་གནས་སྤོའི་སྔོན་ཇུས། དེ་བཞིན་མང་ཚོགས་གནས་སྤོ་བཀོད་སྒྲིག་གྲ་སྒྲིག་སོགས་ཀྱི་ལས་དོན་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།ཁོང་གིས་ས་བབ་ཆགས་ཚུལ་དང་མངོན་མེད་རྐྱེན་ངན་གྱི་ཁྱབ་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱེད་པ་དང་། འཕྲལ་སྡོམ་ཉེན་གཡོལ་བྱ་ཡུལ་འཆར་འགོད་ལུགས་མཐུན་བྱེད་པ། ཉེན་གཡོལ་ལམ་ཐིག་བདེ་འཇགས་ཤར་གཏོང་དང་ཉེན་གཡོལ་བྱ་ཡུལ་གྱི་ནུས་པ་ཆ་ཚང་པོ་ཡོང་བའི་འགན་ལེན་བྱེད་པ། འགག་རྩའི་དུས་སུ་མང་ཚོགས་“སྒྱུར་ཐུབ་པ་དང་། གཞིས་ཆགས་ཐུབ་པ།བརྟན་ཐུབ་པ་”བཅས་བྱེད་དགོས།ས་གཤིས་གནོད་འཚེ་འགོག་བཅོས་དང་འབྲུབ་འགོག་རང་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་དང་ལེན་ཞུ་མཁན་དང་པོ་གསོ་སྦྱོང་ཧུར་ཐག་བྱས་ཏེ་གནོད་འཚེ་ཐོན་སྐབས་ལས་ཡུལ་དང་པོའི་མི་སྣས་འཕྲལ་མ་ཉིད་དུ་དང་ལེན་དང་། འཕྲལ་མ་ཉིད་དུ་སྙན་སེང་ཞུ་བ། འཕྲལ་མ་ཉིད་དུ་ཐག་གཅོད་བཅས་བྱེད་པར་འགན་ལེན་ཞུ་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་གིས་ཡུན་ལིང་ཤང་སྒང་སྙག་གྲོང་སྡེའི་ལྕགས་ཕུད་གྲོང་མི་ཚོ་ཆུང་དུ་ཡུལ་དངོས་སུ་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཐོན་སར་ལྟ་ཞིབ་གནང་ནས་ལྟ་ཞིབ་ཚད་ལེན་དང་ཉེན་གཡོལ་གནས་སྤོ་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།མིག་སྔར། སྔར་བཞིན་འབྲུབ་འགོག་གི་འགག་རྩའི་དུས་སུ་གནས་ཡོད་པས་རིམ་ཁག་སྡེ་ཚན་ཁག་གིས་འབྲུབ་འགོག་ལས་དོན་གྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཉེ་དུས་ས་གནས་ཁག་གི་གནོད་འཚེའི་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། འཕྲལ་སྡོམ་ལས་ཐུན་སྐྱོང་བ་དང་སྲུང་རེས་སྐྱོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་དགོས། དྲག་ཆར་འབབ་མང་བ་དང་ཐལ་སྐྱོད་རང་བཞིན་མངོན་གསལ་དོད་པའི་དུས་བབ་ལ་གཞི་ཚུགས་ཏེ་ཆར་མ་བབས་གོང་གྲལ་བཤེར་དང་། ཆར་པའི་ཁྲོད་སྐོར་ཞིབ། ཆར་རྗེས་ཞིབ་དཔྱད་བསྡུར་བཤེར་བཅས་ཏན་ཏིག་བྱས་ནས་ཉེན་ཁ་ཆེ་བའི་གནས་སུ་དུས་ཐོག་ཏུ་འབྲེལ་ཡོད་དོགས་ཟོན་དང་ཁ་གཏད་གཅོག་ཐབས་དོན་འཁྱོལ་བྱས་ཏེ་གྲལ་བཤེར་བྱེད་སྐབས་ཁུག་ཆ་མ་ལུས་པ་དང་བཅོས་སྒྲིག་བྱེད་སྐབས་མངོན་མེད་རྐྱེན་ངན་མི་ལུས་པ་བྱས་ནས་འབྲུབ་ཆུ་བདེ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས།“1262”ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ་དང་། “མཐའ་གཅིག་ཏུ་བཞིའི”ཉེན་གཡོལ་གྱི་བླང་བྱ་ལག་བསྟར་ནན་པོ་བྱེད་པ། འཇིགས་སྐུལ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་གནས་སྤོ་བྱེད་པ་བཅས་བྱས་ནས་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས།དངོས་འཐབ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དང་ཞིབ་ཚགས་སུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་གྲ་སྒྲིག་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་ཉེན་ཁའི་གནས་ཚུལ་ཐོན་ཚེ་ཉེན་སེལ་རོགས་སྐྱོབ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་བྱེད་ཐུབ་པའི་འགན་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞུས་ཀོང་ཏེ་དང་དབྱང་ཞུའེ་ཝུན་བརྟག་ཞིབ་དུ་ཞུགས་པ།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།
རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།
དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108