ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།

ལུའོ་ཁྲའོ་ཧྥེང་གིས་ཆུ་འཛོམས་སྒང་སྣོད་བཅུད་ངེས་གནས་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་རིག་ལྡན་སྣོད་བཅུད་ལྟ་ཞིབ་ཚད་ལེན་མ་ལག་འཁོར་སྐྱོད་བྱེད་ཚུལ་ལ་ཤེས་རྟོགས་བྱེད་བཞིན་པ།
ཆུ་འཛོམས་སྒང་སྣོད་བཅུད་ངེས་གནས་ལྟ་ཞིབ་ཚད་ལེན་ས་ཚིགས་དེ་ས་བབ་མཐོ་ཚད་སྨི་3910ཙམ་གྱི་མཐོ་གྲང་རི་ཁུལ་དུ་གནས་པ་དང་དེའི་ལས་ཀའི་ཁྱབ་ཁོངས་མང་ཆེ་བ་ས་བབ་སྨི་4000ཡན་ཡིན་པ་དེ་མིག་སྔར་ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཚན་ཞིབ་ལས་དོན་ས་ཚིགས་ཤིག་ཡིན་པ་རེད།བརྟག་ཞིབ་བྱེད་རིང་ལུའོ་ཁྲའོ་ཧྥེང་གིས་འཐབ་ས་དང་པོར་ཡུན་རིང་འབད་འཐབ་བྱེད་མཁན་ས་ཚིགས་ཀྱི་ལས་དོན་པར་གཟིགས་པ་དང་འབྲེལ་ཉལ་ཁང་དང་གཞུང་ལས་ཁང་དུ་ཕེབས་ནས་ཚང་མའི་སྡོད་གནས་ཁོར་ཡུག་དང་གཞུང་ལས་ཆ་རྐྱེན་ལ་གཟིགས་ཞིབ་གནང་བ་མ་ཟད།འཐབ་ས་དང་པོར་ཡུན་རིང་བརྟན་སྲུང་བྱས་ནས་དཀའ་ཚེགས་ཆེ་བའི་ས་བབ་མཐོ་གྲང་ས་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་དང་ཚན་ཞིབ་ལས་དོན་སྤེལ་བའི་སྙིང་སྟོབས་ལ་གདེང་འཇོག་གང་ལེགས་གནང་བ་དང་ཁོང་ཚོས་ཁུལ་ཡོངས་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་ཧུར་ཐག་དང་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ལུའོ་ཁྲའོ་ཧྥེང་གིས“མཁའ་དབྱིངས་དང་ས་གཞི་གཅིག་གྱུར་ཅན་”གྱི་རིག་ལྡན་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་དང་ཤེས་རྟོགས་གནང་། སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་《ཡུན་ནན་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདེ་ཆེན་ཡུག་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་ཇུས་གཞི་》རྩོམ་སྒྲིག་སོགས་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་ལ་གསན། ཁོང་གིས་ས་ཚིགས་ཀྱི་ལས་དོན་པའི་རྒྱུན་གཏན་གྱི་སྐོར་སྲུང་ལམ་ཐིག་བརྒྱུད་གདོད་མའི་ནགས་ཁུལ་དུ་ཕེབས་ཏེ་དམར་ཕྱིའི་པར་ཆས་སྒྲིག་སྦྱོར་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཁྱབ་ཚུལ་ལ་གཟིགས་པ་དང་འབྲེལ་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་མྱོང་ཚོར་ཟབ་མོ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ས་ཚུགས་ཀྱི་ལས་དོན་མི་སྣའི་རྒྱུན་གཏན་གྱི་སྐོར་གཡེང་ལམ་ཐིག་རྒྱུད་ནས་གདོད་མའི་ནགས་ཁུལ་དུ་བསྐྱོད་དེ་སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་དོ་དམ་སྲུང་སྐྱོང་བྱས་ཚུལ་ལ་ལྟ་ཞིབ་གནང་བཞིན་པ།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།
རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།
དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108