中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།

ཁྱབ་བསྒྲགས་དུས་ཚོད་:2026-08-13 15:23:05 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟམ་ཆེན་ཞིག་གིས་རྫ་ཆུ་ངོགས་གཉིས་ཀྱི་གྲོག་རོང་དང་འོབས་ཆེན་སྦྲེལ་མཐུད་བྱས་པ་མ་ཟད། མཐའ་མཚམས་ཀྱི་གྲོང་རྡལ་ཞིག་གི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། གཙང་བརྒལ་ནས་སྨན་བཅོས་བྱས་པ་ནས་སྒོ་རྩར་སྨན་པ་སྐྱེལ་བའི་བར་དང་། ཁྲོམ་ར་འཇམ་ཐིང་ཐིང་ཡིན་པ་ནས་ཉོ་ཚོང་གཉིས་ཀ་དར་རྒྱས་ཆེ་བའི་བར། ཕྱི་རོལ་དུ་ལས་ཀ་བྱེད་པ་ནས་སྒོ་འགྲམ་ལས་ཞུགས་པའི་བར་འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དངོས་གནས་འདེགས་སྐྱོར་བྱས་ཡོད་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསོན་ཉམས་ལྡན་པ་ཞིག་བཏོན་ཡོད།

图片
གྲོང་ཚོ་འཕྲོད་བསྟེན་ཁང་ནང་གི་“རང་མི”

ཤང་དེའི་ཀྲེན་ཕུའོ་གྲོང་ཚོའི་ཀུའུ་པུའུ་གྲོང་མིའི་ཚོ་ཆུང་གི་དགོང་ལོ་73ལོན་པའི་རྒན་མོ་ཡུས་ཞུའེ་ལན་ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ།  ཁྲག་མངར་ཚད་མང་བ་བཅས་ཀྱི་ནད་ཕོག་ནས་ལོ་མང་སོང་ཞིང་། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཁྲེན་ཧན་གྱིས་རྟག་ཏུ་ཁོང་ལ་སྨན་བཅོས་བྱེད་པར་ཡོང་གི་ཡོད། རྒན་མོས་མི་དང་འཕྲད་དུས་སྨན་པ་ཁྲེན་ཧན་ནི་ངའི་བུ་མོ་ཞིག་དང་འདྲ་བར་ཁ་པར་གཅིག་རྒྱག་ན་ཡོང་གི་ཡོད། ཉིན་གཅིག་ལ་སྨན་ག་ཚོད་འཐུང་དགོས་ཡང་ང་ལ་ཁ་བྲལ་ནས་བླུགས་རོགས་བྱེད་ཀྱི་ཡོད་ཅེས་ཟེར། ཀྲེན་ཕུའོ་གྲོང་ཚོར་ཡུས་ཞུའེ་ལན་ལྟ་བུའི་དུས་བཀག་ལྟར་སྒོར་བཅར་ཞབས་ཞུ་དང་ལེན་བྱེད་མཁན་རྒན་རྒོན་ད་དུང་མི་ཉུང་བ་ཞིག་ཡོད།

གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ད་ལྟར་སྨན་པ་ཁྲེན་ཧན་དང་ཁྲེན་ཅིང་ཡུས་གཉིས་ཡོད་པ་དང་ཁོང་གཉིས་ཀྱིས་ལས་ཀ་ལོ་10བྱས་པ་མ་ཟད་སྨན་པའི་ཐོབ་ཐང་ལག་ཁྱེར་ཡང་ཐོབ་ཡོད། འཕྲོད་བསྟེན་ཁང་གི་ཞབས་ཞུ་བྱ་ཡུལ་ནི་ཉེ་འཁོར་གྱི་རྒན་རྒོན་དང་བྱིས་པ་གཙོ་བོ་ཡིན་པ་དང་། རྒྱུན་མཐོང་གི་ནད་མང་ཆེ་བ་ནི་ཆམ་ནད་ཡིན། དུས་མཚུངས་སུ་བྱིས་པའི་འཕུར་མཉེད་དང་གསང་མིག་འཕུར་མཉེད་བྱེད་བཞིན་ཡོད།  རྒན་རྒོན་ལ་གཅོང་ནད་ཀྱི་རྗེས་འདེད་འཚམས་འདྲི་བྱ་རྒྱུ་གཙོ་བོར་འཛིན་གྱི་ཡོད་པ་དེའི་ནང་ཁྲག་མངར་ཚད་ལེན་དང་། ཁྲག་ཤེད་ཚད་འཇལ་སོགས་ཚུད་ཡོད་པ་དང་གཟའ་འཁོར་རེར་མི་ཐེངས་40ལྷག་ཙམ་ལ་ཞབས་འདེགས་ཞུ་ཡོད། འགུལ་སྐྱོད་སྟབས་མི་བདེ་འི་ཡུལ་མི་དང་འཕྲད་སྐབས་སྨན་པ་གཉིས་ཀྱིས་སྨན་བཅོས་སྒམ་ཁུར་ཏེ་སྦག་སྦག་བཞོན་ནས་སྨན་བཅོས་བྱེད་པར་བསྐྱོད་པ་རེད།

ད་ལྟར་འབའ་སྡེ་ཤང་ཀྲེན་ཕུའོ་གྲོང་ཚོའི་མང་ཚོགས་ཀྱི་ནད་གཞི་ཚབས་ཆེན་ཤང་གི་འཕྲོད་བསྟེན་ཁང་དུ་སྐྱོད་པ་དང་། ནད་གཞི་ཆུང་བ་གྲོང་ཚོའི་ནང་སྨན་བཅོས་བྱེད་ཆོག་པས་སོ་སོར་ལས་བགོས་ཡོད་པ་དང་ཕན་ཚུན་ཁ་གསབ་བྱེད་ཀྱི་ཡོད་པས་གྲོང་མིའི་ཐག་ཉེ་སར་སྨན་བཅོས་བྱེད་པའི་དགོས་མཁོ་སྤྱིར་ན་སྐོང་ཐུབ་པ་བྱུང་ཡོད།

图片
རིག་གནས་ཀྱིས་སྟེགས་བུ་བསྐྲུན་ནས་འཛད་སྤྱོད་སྐུལ་སློང་བྱེད།

ཤང་དེའི་ཀྲེན་ཕུའོ་གྲོང་ཚོའི་ཀུའུ་པུའུ་གྲོང་མིའི་ཚོ་ཆུང་དང་། ལུའོ་དབྱི་གྲོང་ཚོའི་ལུའོ་ཏ་གྲོང་མི་ཚོ་ཆུང་དང་ནན་ཀན་ཐུང་གྲོང་མི་ཚོ་ཆུང་གི་གྲོང་མི་ཁག་གཅིག་ཆུ་མཛོད་ཁུལ་གྱི་གནས་སྤོ་བྱས་པའི་དབང་གིས་གྲོང་རྡལ་གསར་པ་ཞིག་ཏུ་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད་པ་རེད། དེང་སང་འདི་གར་འཕྲོད་བསྟེན་ཁང་དང་། ཚལ་ཁྲོམ་ར། རིག་གནས་ཐང་ཆེན་སོགས་ཀྱི་སྒྲིག་བཀོད་ཆ་ཚང་ཡོད་པ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཡོད་པ་རེད།

མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བ་དང་ས་གནས་དེ་གའི་འཛད་སྤྱོད་ནུས་པ་སྐུལ་སློང་བྱེད་པའི་ཆེད་དུ། ཤང་ཏང་ཨུ་དང་སྲིད་གཞུང་གིས་གླུ་གཞས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཁུལ་ཡོངས་དང་མཐའ་འཁོར་ཁུལ་དང་གྲོང་ཁྱེར་གྱི་དམངས་ཁྲོད་གླུ་བ་དང་མང་ཚོགས་འགུགས་ནས་ཞུགས་པ་དང་།  བཟའ་བཏུང་དང་ཞག་སྡོད་སོགས་ཀྱི་ལས་རྣམ་འཕེལ་རྒྱས་སྐུལ་ཁྲིད་བྱས་ཡོད། 

གཟའ་སྤེན་པའི་ཚོང་འདུས་ཉིན་ནི་འབའ་སྡེ་ཤང་གི་ཁྱད་ཆོས་ལྡན་པའི་དངོས་རྫས་སྤེལ་རེས་བྱེད་སྒོ་ཞིག་རེད། ཚོང་འདུས་ཉིན་མོ་སླེབས་སྐབས་མི་རིགས་སོ་སོའི་བྲོ་བ་ལྡན་པའི་ཟས་རིགས་དང་། སྔོ་ཚལ་སོས་པ། ཡུལ་ཕག་དང་བྱ་ཤ་སོགས་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་ཚོང་རར་འདོན་པ་དང་། ས་ཆ་གཞན་གྱི་ཚོང་པས་ཀྱང་ཚོང་ཟོག་སྣ་ཚོགས་འཁྱེར་ཡོང་བས་ཉོ་ཚོང་གཉིས་ཀ་དར་རྒྱས་ཕྱིན་པས་ཞིང་ལས་ཐོན་རྫས་གྱི་འཚོང་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ཡུལ་མིའི་ཡོང་འབབ་ཀྱང་འཕར་ཡོད།

图片
སྒོ་ཁའི་དཀར་ཡོལ་འཁྲུ་གྲྭ

ལུའོ་དབྱི་གྲོང་ཚོ་ལུའོ་ཏ་གྲོང་མི་ཚོ་ཆུང་གི་དུག་སེལ་གསོལ་ཆས་སྡེབ་སྐྱེལ་ལྟེ་གནས་ནི་གྲོང་ཚོའི་གཞི་ཁྱོན་ཆེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་ཞིག་ཡིན། ལུའོ་དབྱི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ཧོ་ཅན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་50བཏང་ནས་བསྐྲུན་པ 2023ལོར་སྤྱོད་འགོ་ཚུགས་པ་དང་གཙོ་བོ་གསོལ་ཆས་གཙང་འཁྲུད་དུག་སེལ་གྱི་ལས་སྒོ་འགན་ལེན་བྱས་ཡོད། 

སྡེབ་སྐྱེལ་ལྟེ་གནས་སུ་ལས་མི་གཏན་འཇགས་མེད་པར་ཡུལ་མི་རེས་མོས་ཀྱིས་ལས་གནས་སུ་ཞུགས་པ་དང་རྒྱུན་གཏན་གྱི་དོ་དམ་དེ་ཚོ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་འགན་འཁུར་ཡོད། ལུའོ་ཏ་ཡུལ་མིའི་ཚོ་ཆུང་གི་ཡུལ་མི་ལི་ལི་ཧྭ་ཡིས“དཀར་ཡོལ་འཁྲུ་སའི་བཟོ་གྲྭ་ཁྱིམ་གྱི་སྒོ་ཁར་ཡོད། གྲོང་ཚོའི་ནང་ལས་ཀ་བྱེད་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ཀྱང་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་”ཞེས་བཤད།

སྡེབ་སྐྱེལ་ལྟེ་གནས་ཀྱིས་འབའ་སྡེ་ཤང་གི་ས་གནས་དེ་གའི་བཟའ་བཏུང་ཚོང་ཁང་ལ་ཞབས་འདེགས་ཞུ་་མ་ཟད། ད་དུང་ཉེ་འགྲམ་གྱི་ཡན་མོན་ཤང་དང་ཡེ་ཀྲི་གྲོང་རྡལ་ལ་ཞབས་འདེགས་ཞུ་ཡོད། ཧོ་ཅན་པིན་གྱིས“འཁོར་ཁང་གིས་ལོ་རེར་སྒོར་ཁྲི་10ལྷག་བཏོད་ཡོད”ཅེས་བཤད། ལས་གཉེར་བྱས་པ་ནས་བཟུང་ལྟེ་གནས་དེས་ལོ་ལྟར་མི་480ལྷག་ཙམ་ལ་ལས་ཞུགས་གོ་སྐབས་མཁོ་འདོན་བྱས་པས་གྲོང་མི་ལ་བརྟན་ལྷིང་གི་ཡོང་འབབ་ཡོད་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ལོ་རེར་སྒོར་ཁྲི་1འཕར་ནས་ས་གནས་དེ་གའི་བེད་མེད་དུ་ལུས་པའི་ངལ་རྩོལ་ནུས་ཤུགས་ཕན་སྒྱུར་ནུས་ལྡན་བྱས་པ་དང་གནས་སྤོས་མང་ཚོགས་ཀྱི་ཐག་ཉེ་སར་ལས་ཞུགས་བྱེད་པའི་དཀའ་གནད་ཐག་གཅོད་བྱས་ཡོད།

གྲོང་ཚོའི་འཕྲོད་བསྟེན་ཁང་ནས་དཀར་ཡོལ་འཁྲུ་གྲྭ་བར་དང་། གྲོང་རྡལ་གྱི་སྒྲིག་བཀོད་ལེ་ལག་ནས་རིག་གནས་བྱེད་སྒོ་དང་དངོས་རྫས་ཉོ་ཚོང་བར་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་རེ་རེ་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དངོས་གནས་འདེགསསྐྱོར་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།

ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།

རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།

དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com