中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་མང་ཚོགས་སྒྱུ་རྩལ་མཁས་པའི་གླུ་ལེན་ཆེད་ཚོགས་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས། 

རྩོམ་པ་པོ་:杨涛 李晓东 普文玥 ཁྱབ་བསྒྲགས་དུས་ཚོད་:2026-08-24 15:36:10
图片
图片

རྡོ་མཁར་གནའ་གྲོང་གི་ཟླ་འོད་ཐང་ཆེན་དུ་མུན་རུབཔ་དང་བསྟུན། ཟླ་8ཚེས་23ཉིན་གྱི་དགོང་མོ སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཇུག་བསྡུའི་བྱེད་སྒོའི་གྲས་ཤིག་ཡིན་པའི་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་མང་ཚོགས་སྒྱུ་རྩལ་མཁས་པའི་གླུ་ལེན་ཆེད་ཚོགས་གངས་ལྗོངས་ཀྱི་རང་བྱུང་སྐད་སྒྲ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”ལེན་པ་དེ་རྡོ་མཁར་གནའ་གྲོང་གི་ཟླ་འོད་ཐང་ཆེན་དུ་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས་ནས། གྲོང་མི་དང་ཡུལ་སྐོར་བ་རྣམས་དྲ་ཐོག་གི་དྲ་གྲོགས་དང་མཉམ་དུ་མཐོ་སྒང་གི་རོལ་དབྱངས་འདུ་ཚོགས་གཟབ་རྒྱས་ཤིག་མྱོངས་བཅུག 

图片
图片
图片

དགོང་ཚོགས་འགོ་ཚུགས་པ་དང་བསྟུན།  གངས་ཀྱི་ནོར་བུ་ཚན་སྡེབ་གིས་སྔོན་ལ་འཁྲབ་སྟོན་བྱས་ཏེ། 《སེམས་ཀྱི་ཉི་ཟླ》དང་《སྤྲོ་སྣང་ལྡན་པའི་གཞསབཅས་རོལ་དབྱངས་གཉིས་ཀྱིས་ཡུལ་དངོས་རྣམ་པ་འཁྲུག་ཏུ་བཅུག  སྐལ་བཟང་གཡུ་སྒྲོན་གྱིས་《རྩྭ་ཐང་གི་བརྩེ་སེམསལེན་པ་དང་། སྐལ་བཟང་དབང་འདུས་ཀྱིས་《བདེ་སྐྱིད་ཀྱི་བདེ་ཆེན།ཕུལ་ནས་ཐོ་སྒང་གི་ཕ་ཡུལ་ལ་བསྟོད་གླུ་ཕུལ།ལི་སུའུ་ཞོན་གྱི་《ཇེ་བཟང་ནས་ཇེ་བཟང་།དེ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་མཚོན། ཡུས་ཤའོ་ཡི་གླུ་གཞས་《སྨན་རིར་ཡོདཀྱིས་ཁ་བ་དཀར་པོའི་བརྗིད་ཉམས་དེ་གླུ་དབྱངས་དང་མཉམ་འདྲེས་བྱས་ཡོད། སྐལ་བཟང་ལྷ་མཚོ་ཡིས་《བུ་མོ་རྒྱན་དང་།  ཉི་མ་ལྷ་མོ་དང་གཡག་ཁེ་བཟའ་ཚང་གཉིས་ཀྱི་《བཀྲ་ཤིས་ནོར་བུ།》སྒྲོལ་མ་ཚན་སྡེབ་ཀྱི་《ངའི་ཁྱིམ་དུ་ཡོང་བབསོད་ནམས་ལྷུན་འགྲུབ་ཀྱིཕ་མའི་ཁ་ཏ།བཅས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་།  བོད་ཀྱི་དམངས་སྲོལ་གོམས་གཤིས་ཟབ་མོ་ངང་མངོན།   ཞིས་ཏུང་མའེ་ཡི་《དགའ་སྤྲོའི་གླུ་དབྱངས》དང་ཨ་གོ་ཁྲང་ཤིང་གི་《ལུག་རྫི་བུ་མོ》 ཧོ་ཡིང་ཁྲུན་གྱི་《མནའ་མ་འགྲོ་གྲབས་ཡོད་པའི་བུ་མོ》བཅས་ཀྱིས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་འཚོ་བའི་རྣམ་པ་མངོན་ཡོད། འཁྲབ་སྟོན་མཇུག་འགྲིལ་རྗེས་སེམས་ཀྱི་ཉི་ཟླཚན་སྡེབ་གིས་གར་སྟེགས་ཐོག་བསྐྱོད་དེ་《སེམས་ནང་གི་གངས་རི》དང་ 《དུས་རབས་གསར་པར་ཁ་བཏགས་ཕུལ》ཞེས་པ་བླངས་ནས་དགོང་ཚོགས་ཡུལ་དངོས་སུ་ཚ་རླབས་འཕྱུར། 

图片
图片
图片
图片
图片
图片

ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་ཏེ།  དྲ་གྲོགས་མང་པོས་དྲ་ཐོག་ཐད་གཏོང་ཁང་བརྒྱུད་ནས་འཁྲབ་སྟོན་ལྟ་ཞིང་། ས་ཁོངས་ཀྱི་དབྱེ་མཚམས་གཏོར་ནས།  གངས་ལྗོངས་ཀྱི་རིག་གནས་སྟོན་མོ་མཉམ་སྤྱོད་བྱས། ཆུ་ཚོད་གཉིས་ཀྱི་འཁྲབ་སྟོན་ནང་བདེ་ཆེན་རང་ས་གནས་ཀྱི་གླུ་་དང་རིག་རྩལ་ཚན་སྡེབ་མཉམ་འཛོམས་བྱས་ཏེ།ལེན་ཚན་དེ་སྲོལ་རྒྱུན་གྱི་མི་རིགས་ཉམས་འགྱུར་དང་དུས་རབས་གསར་པའི་སྙིང་སྟོབས་ཀྱི་ནང་དོན་ལ་ལྟ་རྟོག་བྱས་ཏེ། སྨན་རི་གངས་རི་དང་ནགས་ཕག་མཚོ རྡོ་མཁར་གནའ་གྲོང་བཅས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་རྒྱུ། གླུ་ལེན་ཆེད་ཚོགས་ཀྱིས་རོལ་དབྱངས་འབྲེལ་ཟམ་དུ་བྱས་ཏེ།  ཕྱོགས་ཡོངས་སུ་བདེ་ཆེན་གྱི་མི་རིགས་མང་པོའི་རིག་གནས་མཉམ་འདྲེས་མཉམ་གནས་བྱས་པའི་ཁྱད་ལྡན་རྣམ་པ་སྟོན་ནས། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་མིང་རྟགས་སྔར་བས་ཇེ་གྲགས་སུ་གཏོང་། ས་གནས་དེ་གའི་རིག་རྩལ་སྟོབས་ཤུགས་སྔོག་འདོན་བྱས་པ་བརྒྱུད།   རིག་རྩལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ནུས་པ་སྤྲོད་དེ། རྒྱལ་ཡོངས་སྤྱི་དམངས་ལ་གངས་ལྗོངསམཐོ་སྒང་གི་ཉམས་འགྱུར་ཚད་མེད་མངོན་ནས།  ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་“སེམས་ཀྱི་ཉི་ཟླ”རུ་མྱོང་རོལ་བྱེད་པར་གདན་འདྲེན་བྱེད། 

图片

འགན་འཁུར་རྩོམ་སྒྲིག་པ།:此里追格

  • བདེ་ཆེན་གསར་འགྱུར།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com