中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མཐོ་སྒང་གི་སྤུས་ལེགས་ཐོན་རྫས། ས་ཁོངས་ཡོངས་ཀྱི་བདེ་ཆེན་རིག་གནས་ཡུལ་སྐོར་གྱི་ཞིང་ཚོང་འོས་སྦྱོར་དང་གངས་ལྗོངས་ཀྱི་རྒྱན་གོན་འགྲེམས་སྟོན་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས།

རྩོམ་པ་པོ་:杨涛 姚一鸣 刘小庆 和杨 ཁྱབ་བསྒྲགས་དུས་ཚོད་:2026-08-24 15:56:59

ཟླ་8པའི་ཚེས་23ཉིན་གྱི་ཕྱི་དྲོར། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་“མཐོ་སྒང་གི་སྤུས་ལེགས་ཐོན་རྫས། ས་ཁོངས་ཡོངས་ཀྱི་བདེ་ཆེན་རིག་གནས་ཡུལ་སྐོར་གྱི་ཞིང་ཚོང་འོས་སྦྱོར་དང་གངས་ལྗོངས་ཀྱི་རྒྱན་གོན་འགྲེམས་སྟོན”བྱེད་སྒོ་དེ་རྡོ་མཁར་གནའ་གྲོང་ཟླ་འོད་ཐང་ཆེན་དུ་སྤེལ། 



བྱེད་སྒོ་དེས་ཞིང་ལས་དང་རིག་གནས་ཡུལ་སྐོར་དང་། ཞིང་ལས་དང་ཚོང་ལས་མཉམ་འདྲེས་གཏིང་ཟབ་བྱས་པར་གཙོ་བོ་འཛིན་ནས། ཐོན་རྫས་འོས་སྦྱོར་དང་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། མི་རིགས་རིག་རྩལ་འཁྲབ་སྟོན། རྒྱན་གོན་འགྲེམས་སྟོན་སོགས་ཀྱི་སྣ་མང་རྣམ་པ་བརྒྱུད་དེ། ཕྱོགས་ཁག་ནས་བདེ་ཆེན་གངས་ལྗོངས་མཐོ་སྒང་གི་སྐྱེ་ཁམས་དངོས་རྫས་ཀྱི་མཛེས་མ་དང་མི་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཏེ། ཡུལ་དངོས་ཀྱི་ཡུལ་སྐོར་བ་དང་ཚོང་པར་མཐོ་སྒང་གི་རིག་གནས་གསོལ་སྟོན་ཞིག་མྱོང་རོལ་བྱེད་བཅུག 

བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ས་ཁམས་ཁོར་ཡུག་དང་འདང་ངེས་ཀྱི་ཉི་འོད། ཉིན་མཚན་གྱི་དྲོད་ཚད་བར་ཁྱད་ཆེན་པོ་བཅས་ལྡན་པས་སྤུས་ལེགས་ཀྱི་མཐོ་སྒང་གི་ཁྱད་ལྡན་དངོས་རྫས་ཐོན་པ་དང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་སྔོག་འདོན་བྱས་ཐུབ། ཐེངས་འདིའི་བྱེད་སྒོས་སྤུས་རྟགས་འགྲེམས་སྟོན་དང་སྤེལ་རེས་ཁྱབ་གདལ། ཐོན་འཚོང་སྦྲེལ་མཐུད་བཅས་ཀྱི་སྟེགས་བུ་གཙོ་བོ་ཞིག་བཞེངས་སྐྲུན་བྱས་ནས། ཡུལ་དངོས་སུ་བདེ་ཆེན་མཐོ་སྒང་གི་རྒུན་ཆང་དང་མཐོ་སྒང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཆེད་དོན་འོས་སྦྱོར་ལས་རིམ་གཉིས་བཀོད་སྒྲིག་བྱས་ཏེ། འོས་སྦྱོར་མི་སྣས་ཡུལ་དངོས་འགྲེལ་བཤད་བྱས་པར་བརྒྱུད་གསོན་ཉམས་ལྡན་པའི་ངང་རང་ཡུལ་གྱི་རྒུན་ཆང་ཐོན་ལས་དང་སྐྱེ་ཁམས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་འཕེལ་རྒྱས་གྲུབ་འབྲས་མངོན་ནས། བྱེད་སྒོར་ཞུགས་མི་ཚང་མར་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ཀྱི་དམིགས་བསལ་རིན་ཐང་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཚོང་སྣང་གཏིང་ཟབ་བྱུང་བཅུག



བྱེད་སྒོའི་ཡུལ་དངོས་སུ། མི་རིགས་རིག་གནས་འགྲེམས་སྟོན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ནས་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་ཕྱོགས་སུ་སྐྱོད། དངོས་མིན་རིག་གནས་ཀྱི་ཞབས་བྲོའི་སྣང་ཚུལ་ཟློས་གར་དང་མཛེས་ལྗོངས་ཁུལ་གྱི་འཁྲབ་ཚན་ཐུང་ངུ་སྣང་ཚུལ་ཟློས་གར། ལག་རྩལ་རིག་རྩལ་ཟློས་གར་རིམ་བཞིན་འཁྲབ་སྟོན་བྱས། ཡུལ་དངོས་ཀྱི་བརྙན་ཤེལ་ཆེན་མོའི་ཐོག་གཅིག་སྡུད་ངང་བྲོ་དང་རས་པ་སོགས་ཀྱི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འགྲེམས་སྟོན་བྱས། དམངས་སྲོལ་རིག་རྩལ་འཁྲབ་སྟོན་གྱིས་བདེ་ཆེན་བོད་རིགས་རང་ལ་ལྡན་པའི་འཚོ་བའི་རྣམ་པ་དང་དམངས་སྲོལ་གོམས་གཤིས་མངོན་ཞིང་། བདེ་ཆེན་མི་རིགས་མང་པོའི་ཁྱད་ལྡན་རྒྱན་གོན་འགྲེམས་སྟོན་གྱིས་ཀྱང་གཅིག་སྡུད་ངང་མངའ་ཁོངས་ནང་གི་མི་རིགས་ཁག་གི་རྒྱན་གོན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད་པ་རེད། 

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com