སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བདེ་ཆེན་ས་མཐོར་ཁྱབ་པ་དང་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་དུས་རབས་གསར་པའི་ཏང་ལ་དོ་དམ་དང་ཏང་ལ་ཤུགས་སྣོན་རྒྱག་པའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཁུལ་ཨུ་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ལྟ་སྐུལ་ཁོའོ་ཡི་ཁོའོ་ཀྲང་དབྱང་ལི་ཁྲུན་གྱིས། རྩ་འཛུགས་སྡེ་ཚན་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཨུ་རྩ་འཛུགས་པུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་དང་ལས་བྱེད་པས་འགན་འཁྲིའི་ཞིབ་བསྡུར་སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ། སྔོན་ལ་སློབ་སྦྱོང་དང་རྗེས་སུ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྔ་ཙམ་གོ་བ་ལེན་པ་དང་། སྔ་ཙམ་ཚད་ལ་གཞིགས་པ། སྔ་ཙམ་ཇུས་འགོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འགག་རྩ་ནི་དཔོན་རིགས་ནན་སྐྱོང་དང་། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གསར་པར་དཔེ་བསྡུར་དང་ལས་ཀའི་འགན་འཁྲིར་གཞི་ཚུགས་པ། རྩ་དོན་མཐའ་འཁྱོངས། མཐའ་ཚད་ནན་པོ་དང་མཁྲེགས་སར་གཏུག་ཕོད་པ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དུ་འགྱུར་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་བསྟར་པ་དང་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།
ཁུལ་ཨུའི་འཆད་ཁྲིད་དགེ་རྒན་ཚོགས་པའི་འགན་འཁུར་བ་ཅང་མོང་ཅོན་གྱིས་རང་གིས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་འབྲེལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་མཉམ་འདྲེས་ཡོང་བ་བྱས་ཏེ། སྒྲོག་འགྲེལ་བྱེད་རིང་རྟེན་གཞི་དང་རྣམ་པ་གསར་གཏོད་དང་། གོ་བདེ་བའི་སྐད་ཆ་དང་གསོན་ཉམས་ལྡན་པའི་གྱོད་དཔེ་ལ་བརྟེན་ནས“གནས་ལུགས་ཆེན་པོ”དེ་མང་ཚོགས་ཀྱིས་གོ་ཐུབ་པའི་རྒྱུན་གཏམ་དུ་བསྒྱུར་ནས་རྒྱུན་རྣམ་ཅན་གྱི་སྒོས་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཁུལ་ཨུ་སྲིད་ཁྲིམས་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་རིམ་བཞིའི་ཀྲུའུ་རེན་ཁོའོ་ཡོན་ཀྲའོ་ཡན་ལིན་གྱིས། སླད་ཕྱིན་གྱི་ལས་ཀའི་ཁྲོད་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་འགན་འཁུར་མཁན་ལ་དམིགས་པ་དང་། རང་འགན་གཙང་སྒྲུབ་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཁུལ་ཡོངས་ཀྱི་བརྟན་ལྷིང་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཏང་ཨུའི་ཨུ་ཡོན། རྩ་འཛུགས་ཨུ་ཡོན་ཝང་ཡོན་གྱིས་རྒྱལ་ཐང་གྲོང་རྡལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲངས་འབོར་མང་བ་དང་བཅོས་སྒྲིག་གི་ཁྱབ་ཁོངས་ཆེ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་འགན་ལྕི་པོ་ཡོད། གོམ་སྟབས་རྗེས་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་གཞི་རིམ་སྐད་ཡིག་གི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྲོང་ཚོར་ཁྱབ་པ་དང་དྲ་མིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། དམག་འཐབ་མཁར་རྫོང་མུ་མཐུད་བརྟན་དུ་གཏོང་བ། ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བཅས་བྱ་རྒྱུ་དང་། གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་རྒྱུན་མཐུད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་དང་། མང་ཚོགས་ལ་ཞབས་ཞུ། འཕྲལ་བསྟུན་ཐག་གཅོད། མི་རིགས་མཐུན་སྒྲིལ་སོགས་ལས་ཀའི་དགོས་མཁོར་དམིགས་ནས་གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པ་དང་རྗེས་གྲབས་ལས་བྱེད་པ། ཏང་ཡོན་དཔུང་ཁག་གི་ནུས་པ་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་གྱི་བྱ་གཞག་ཁག་གོམ་སྟབས་བརྟན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར་རྒྱུ་ཡིན་ཞེས་བཤད།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས།
ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།
ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།
མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108