ཀྱག་ཀྱོག་རི་ལམ་དུ་ཚེ་གང་སྨན་བཅོས་ལས་ལ་བྲེལ།
ཡུལ་མི་ཚོའི་སྙིང་ཉེ་ཤོས་ཀྱི་སྨན་པ་ཕེང་ཁའེ་ཆིའུ།

འདི་ནི་ཕེང་ཁའེ་ཆིའུ་ཡིས་སྨན་ཤོག་འབྲི་བཞིན་པ།
ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ལུའུ་ཤིས་རྫོང་དབྱིན་ཧོ་གྲོང་རྡལ་ཧོང་ལིང་གྲོང་ཚོ་ནི་དབྱིན་ཧོ་གྲོང་རྡལ་གྱི་ས་བབ་མཐོ་ཤོས་ཀྱི་རི་གྲོང་ཞིག་ཡིན། ཀྱག་ཀྱོག་གི་རི་ལམ་ནི་ཕྱི་རོལ་དང་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གཅིག་པུ་དེ་རེད། གྲོང་ཚོའི་གཞོན་དར་མང་ཆེ་བ་ཕྱིར་གླ་པ་རྒྱུག་པར་བསྐྱོད་པས་གྲོང་ཚོའི་ནང་གཞིས་ལུས་རྒན་རྒོན་དང་བྱིས་པ་མང་པོ་ཡོད་པ་མ་ཟད། ད་དུང་དེ་གར་སྨན་བཅོས་ཆ་རྐྱེན་ཡང་ཧ་ཅང་ཞན་པོ་ཡོད། 1973ལོར། ཕེང་ཁའེ་ཆིའུ་ཡིས་སྨན་གོས་གྱོན་པ་ནས་བཟུང་གྲོང་ཚོ་དེའི་སྨན་པ་ཞིག་ཏུ་གྱུར། དུས་དེ་ནས་བཟུང་རི་ལམ་དེའི་ཐོག་སྨན་སྒམ་ཁུར་ནས་གང་སར་སྐྱོད་པའི་གཟུགས་བརྙན་ཞིག་མཐོང་རྒྱུ་ཡོད། ལོ་དེ་དག་རིང་ཁོང་གིས་རི་ལམ་སྤྱི་ལེ་ཁྲི་10ལྷག་ཙམ་བསྐྱོད་ནས་རས་ལྷམ་བརྒྱ་གྲངས་ལྷག་ཙམ་རལ་ཡོད་ཅིང་། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་2ལྷག་ཙམ་ལ་ནད་བརྟག་སྨན་བཅོས་བྱས་ཡོད་པ་རེད།
ས་སྐྱེས་རྡོ་སྐྱེས་ཀྱི་ཧོང་ལིང་བ་ཞིག་ཡིན་པའི་ཕེང་ཁའེ་ཆིའུ་ཡིས་ཡུལ་མི་ཚོའི་ནད་གཞི་ལྟ་དཀའ་བའི་སེམས་ཁྲལ་གསལ་པོ་རྟོགས་ཀྱི་ཡོད།
ནང་མིས་ཁོང་ལ་ཐག་རིང་རི་གྲོང་ནས་བྲལ་ཏེ་གྲོང་ཁྱེར་དུ་ཡོང་རྒྱུའི་རེ་བ་ཐེངས་མང་བཏོན་པ་མ་ཟད། གྲོང་ཁྱེར་ནང་གི་སྨན་བཅོས་སྒྲིག་གཞི་ཞིག་གིས་ཀྱང་ཁོང་ལ་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་གླ་ཕོགས་དེ་བས་མཐོ་བ་སྤྲོད་རྒྱུ་དང་ལས་ཀའི་ཁོར་ཡུག་སྔར་བས་ལེགས་པ་ཞིག་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་མོད། འོན་ཀྱང་ཁོང་གིས་དེ་དག་ཚང་མ་ཁས་བླངས་མེད། 1994ལོའི་གོང་ཧོང་ལིང་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་སྨན་པ་3ཡོད་པ་དང་དེ་རྗེས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་སྨན་པ་གཉིས་དེ་ནས་ཁ་བྲལ་བས། ཕེང་ཁའེ་ཆིའུ་གཅིག་པུས་དེ་གར་བརྟན་སྲུང་བྱས་ནས་བསྡད།
ལོ་མང་སྔོན་དུ། རི་ལམ་ཀྱག་ཀྱོག་ཡིན་པས་ཕེང་ཁའེ་ཆིའུ་ཡིས་སྨན་སྒམ་ཁུར་ཏེ་རྐང་ཐང་མར་ཀླུང་བརྒལ་ནས་ཡུལ་མིར་ནད་གཞི་ལྟ་བར་འགྲོ་གི་ཡོད། ཡུལ་མིར་སྨན་ཉོ་བར་སྟབས་བདེ་སྐྲུན་ཆེད། ཕེང་ཁའེ་ཆིའུ་ཡི་སྨན་སྒམ་ནང་ཆམ་སྨན་དང་མགོ་སྨན་སོགས་རྒྱུན་ཐོན་ནད་ཀྱི་སྨན་བཅུ་གྲངས་བླུགས་ཡོད།
ལོ་20ལྷག་ཙམ་གོང་གི་ལོ་གསར་ཚེས་གཅིག་ཉིན། ཡུལ་མི་ཞིག་གིས་ཤོག་སྦག་སྤར་ནས་ལག་པར་རྨས་སྐྱོན་ཕོག་པས་ནང་མིས་ཕེང་ཁའེ་ཆིའུ་འཚོལ་བར་ཡོང་། ཁོང་གིས་ལམ་སེང་སྨན་སྒམ་ཁུར་ནས་རྨས་མའི་ཁྱིམ་དུ་བསྐྱོད་དེ་དུས་ཐོག་ཏུ་སྨན་བཅོས་བྱས་པས་ནད་ཚབས་ལྕི་རུ་ཕྱིན་མེད།
“གྲོང་ཚོ་ག་ཚོད་ཆུང་རུང་གྲོང་ཚོའི་ནང་སྨན་པ་མེད་ན་ཡོང་ཐབས་མེད། ལོ་མང་པོ་སོང་བས་ང་རང་སྔ་ས་ནས་འདིར་གོམས་འདུག བྱས་ཙང་དཀའ་ལས་ཁག་པའི་སྣང་བ་ཡོང་གི་མི་འདུག”ཅེས་ཕེང་ཁའེ་ཆིའུ་ཡིས་བཤད།
བགྲང་བྱ་50ལྷག་ཙམ་གྱི་རིང་། ཁོང་གིས་ལག་ལེན་གྱི་འཚོལ་ཞིབ་ཁྲོད་སྨན་བཅོས་ཉམས་མྱོང་བསགས་ནས་རིགས་ཁག་གི་ཀྲུང་ལུགས་སྨན་རྩྭའི་སྨན་སྤྱོད་རིན་ཐང་ཁོང་དུ་ཆུད་པ་མ་ཟད། སྲོལ་རྒྱུན་གྱི་སྨན་རྩྭའི་བཅོས་ཐབས་དང་དེང་རབས་སྨན་བཅོས་ཟུང་འབྲེལ་བྱས་ཏེ། ཡུལ་མི་ཚོར་སྨན་རིན་ཁེ་ལ་སྨན་བཅོས་ཇུས་གཞི་ལེགས་པོ་ཞིག་བཏོན་ཡོད། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ནད་པར་ཁོང་གིས་སྨན་རིན་མི་ལེན་པ་མ་ཟད། ད་དུང་རང་གིས་བཟོས་པའི་སྨན་རྩྭས་ཡུལ་མི་ཚོའི་ནད་གཞི་བཅོས་པས་མཐའ་འཁོར་ཡུལ་མིར་སྨན་རིན་མང་པོ་གྲོན་ཆུང་ཐུབ་ཡོད་པ་རེད།
2006ལོར་ཕེང་ཁའེ་ཆིའུ་ཏང་ནང་ཞུགས་པ་དང་ཁོང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་པའི་སྐད་ཆ་དེ་བློ་ལ་བརྟན་པོར་ངེས་ཡོད་པ་རེད།
ཧོང་ལིང་གྲོང་ཚོར་ཁོང་ནི་སྨན་པ་ཞིག་རེད་ལ། ཡུལ་མི་ཚོའི་སེམས་ནང་སྙིང་ཉེ་ཤོས་ཀྱང་རེད། ནད་གཞི་ལྟ་བ་དང་སྨན་སྤྲོད་པ་ཕུད། ད་དུང་ཁོང་གིས་གྲོང་ཚོའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགན་ཁུར་ནས་དུད་ཚང་རེ་རེ་བཞིན་བདེ་ཐང་ཡིག་ཚགས་བཟོས་ཏེ། དུས་བཀག་ནང་ལོ་65ཡན་གྱི་རྒན་རྒོན་ལ་གཟུགས་པོར་བརྟག་དཔྱད་བྱས་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་ཀྱི་གཅོང་ནད་ཡོད་མཁན་ལ་དུས་ཚིགས་མི་རེ་ངོ་རེར་ཁྱིམ་དུ་བརྟག་དཔྱད་བྱེད་པར་འགྲོ་བ་དང་། ཆམ་རིམས་མཆེད་པའི་དུས་སུ་ཁྱིམ་ཚང་རེ་རེ་བཞིན་དུ་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་པར་འགྲོ་གི་ཡོད་པ་རེད།
ལོ་རྒན་བདུན་ཅུར་སླེབས་པའི་བགྲེས་སོང་ཕེང་ཁའེ་ཆིའུ་ཡིས་བགྲང་བྱ་མང་པོ་གཞི་རིམ་དུ་ནད་བཅོས་སྲོག་སྐྱོབ་ལས་ལ་གཞོལ་ཅིང་། ཁོམ་པ་ཡོད་རིམ་བཞིན་ཁོང་གིས་སྨན་དེབ་ལྟ་བ་དང་གསོ་སྦྱོང་ནང་ཞུགས་ཀྱི་ཡོད། ཁོང་གིས“གསོ་རིག་ཆུ་ཚད་ཡར་རྒྱས་འགྲོ་བཞིན་ཡོད་པས་ངས་ཀྱང་དེ་དང་བསྟུན་ནས་སློབ་སྦྱོང་བྱས་ཏེ་རྗེས་སུ་མི་ལུས་པ་བྱེད་ཀྱི་ཡོད”ཅེས་བཤད།
ལོ་དེ་དག་རིང་། གྲོང་ཚོའི་ནང་སྡོད་མཁན་མང་ཆེ་བ་རྒན་རྒོན་རེད། “ད་ཆ་གྲོང་ཚོར་གཞུང་ལམ་བཟོས་པས་ཡུལ་མི་ཚོར་ནད་གཞི་ལྕི་པོ་དང་གློ་བུར་དུ་ནད་གཞི་ཐོན་ཚེ་རོགས་སྐྱོབ་རླངས་འཁོར་འདི་གར་ཡོང་ཐུབ་ཀྱི་ཡོད། དེར་བརྟེན་ཚང་མའི་བདེ་ཐང་ལའང་འགན་ལེན་ཐུབ་ཡོད” ལོ་མང་པོ་དེ་དག་གི་རིང་དཀའ་ངལ་ཡོད་མེད་སྐོར་སྐད་ཆ་འདྲི་སྐབས་ཕིང་ཁའེ་ཆིའུ་ཡིས་དགོད་བཞིན་དུ“ཡུལ་མི་ཚོར་ནད་གཞི་ལྟ་ཐུབ་ཚེ་ང་རང་ཡང་སེམས་པ་སྐྱིད་པོ་འདུག ངས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་བར་མུ་མཐུད་དེ་གར་སྨན་བཅོས་བྱ་གི་ཡིན”ཞེས་བཤད།
- བདེ་ཆེན་གསར་འགྱུར།
“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།
རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།
ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།
“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།
དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།
ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108